2023-02-27 15:06:47 教師招聘考試網 http://www.1817w.com/jiaoshi/ 文章來源:未知
【導讀】華圖教師招聘考試網同步未知發布:青海省公開招聘中小學教師筆試 小學藏語文《學科專業素養》科目考試,詳細信息請閱讀下文!如有疑問請加【考試交流群匯總】 ,青海人事考試信息網更多資訊請關注青海華圖微信公眾號(htqh0258),第一時間獲得第一消息。培訓咨詢電話:0971-8253117,備考QQ:734599948,微信號:17797259593
མཚོ་སྔོན་ཞིང་ཆེན་གྱི་ཡོངས་བསྒྲགས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་
དགེ་རྒན་བསྡུ་བའི་ཡིག་རྒྱུགས།
སློབ་ཆུང་བོད་སྐད་ཡིག་གི《རིག་ཚན་ཆེད་ལས་ཡོན་ཚད》
ཀྱི་རྒྱུགས་ལེན་རྩ་འཛིན།
青海省公開招聘中小學教師筆試
小學藏語文《學科專業素養》科目考試大綱
གཅིག རྒྱུགས་ཀྱི་དམིགས་ཚད་དང་བླང་བྱ།
考試目標與要求
1. རྒྱུགས་སྤྲོད་མཁན་གྱི་འགན་བབས་སློབ་གསོའི་དུས་རིམ་གྱི་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་
ཀྱི་ཆེད་ལས་ཤེས་བྱ་དང་ནུས་པར་བརྟག་རྒྱུ། མཐོ་རིམ་སློབ་གསོ་ལས་སློབ་ཆུང་སྐད་ཡིག་རིག་ཚན་
ཐད་ཀྱི་ཆེད་ལས་ཤེས་བྱ་དང་།《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ཚད་གཞི(2022ལོའི་
པར་གཞི)》ཁྲོད་གཏན་འབེབས་བྱས་པའི་སློབ་ཆུང་སྐད་ཡིག་བསླབ་ཚན་གྱི་ནང་དོན་བྱང་ཆུབ་པར་
བྱས་ཏེ། དེ་མཐུན་གྱི་བོད་སྐད་ཡིག་གི་ནུས་པ་འཛོམས་དགོས།
考查考生義務教育階段小學藏語文教學專業知識與能力,要求掌握高等教育對與
小學語文學科相對應的專業知識,以及《義務教育語文課程標準(2022年版)》中規定
的小學語文課程內容,具備相應的藏語文能力。
2. རྒྱུགས་སྤྲོད་མཁན་གྱི་སློབ་ཆུང་བོད་སྐད་ཡིག་གི་བསླབ་ཚན་དང་སློབ་ཁྲིད་རྣམ་བཤད་ཀྱི་གཞི་
རྩའི་ཤེས་བྱ་དང་དེའི་ཉེར་སྤྱོད་ལ་བརྟག་རྒྱུ། སློབ་ཆུང་བོད་སྐད་ཡིག་གི་བསླབ་ཚན་དང་སློབ་ཆུང་
བོད་སྐད་ཡིག་སློབ་ཁྲིད་ཀྱི་རྨང་གཞིའི་ཤེས་བྱ་བྱང་ཆུབ་པར་མ་ཟད་གང་ལེགས་ཀྱིས་ཉེར་སྤྱོད་བྱེད་
ཐུབ་དགོས།
考查考生對小學語文課程與教學論基本知識的理解應用,要求掌握小學藏語文課
程與小學藏語文教學基礎知識并能較好地應用。
གཉིས། རྒྱུགས་ཀྱི་ཁྱབ་ཁོངས་དང་ནང་དོན།
考試范圍與內容
(གཅིག) རིག་ཚན་གྱི་ཆེད་ལས་ཤེས་བྱ།
學科專業知識
11. ངོས་འཛིན་དང་འབྲི་ཀློག
識字與讀寫
(
1)མིང་གཞི་ཡི་གེ་ལ་དབྱངས་དང་རྗེས་འཇུག སྔོན་འཇུག ཡང་འཇུག་བཅས་སྦྱར་ནས་སྒྲ་
ཟུར་ཕྱིན་པར་ཀློག་ཤེས་པ།
能準確地拼讀字根加元音、前加、后加、后后加等字的音節。
(
2)དབུ་ཅན་དབུ་མེད་ཆ་ཚད་ལྟར་སྙོམས་ཤིང་དག་པར་འབྲི་ཐུབ་པ་དང་། སྨྱུག་རིམ་དང་ཁམ་
རིས་ཀྱི་མིང་ཤེས་པ།
能規范、端正、整潔地書寫藏文烏堅體或烏麥體,并知道藏文筆順名稱。
(
3)རྒྱུན་སྤྱོད་ཀྱི་དཔེ་ཆོས་དང་གཏམ་དཔེ། ཁེད་སོགས་ལ་གོ་བ་ཡང་དག་བླངས་ཏེ་སྤྱོད་ཤེས་པ་
དང་དེའི་བརྗོད་སྟོབས་ཀྱི་ནུས་པར་མྱོང་དཔྱད་བྱེད་ཤེས་པ།
正確理解、使用常用成語、諺語、謎語、俗語等,評鑒其表達效果。
2. བརྡ་སྤྲོད།
語法
(
1)
རྣམ་དབྱེ་དང་ཚིག་ཕྲད་ཀྱི་གོ་དོན་རྟོགས་པ།
理解與掌握格助詞與虛詞的含義。
(
2)རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་གྱི་སྒྲ་ཡི་སྦྱོར་ཚུལ་དང་དོན་གྱི་འཇུག་ཚུལ་
ཤེས་པ།
正確掌握與運用不自由虛詞。
(
3)རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་གྱི་སྒྲ་ཡི་སྦྱོར་ཚུལ་དང་དོན་གྱི་འཇུག་
ཚུལ་ཤེས་པ།
正確掌握與運用自由虛詞。
(
4)རྒྱུན་སྤྱོད་ཀྱི་ཕྲད་འདུས་མའི་སྦྱོར་ཚུལ་ཤེས་པ།
正確運用常用復合虛詞的用法。
3. བརྡ་དག
正字法
(
1)རྒྱུན་སྤྱོད་ཀྱི་མིང་བརྡ3200-3800ཡི་དག་ཆ་ཤེས་པ།
積累與掌握常用詞匯3200-3800個。
(
2)སྒྲ་ཉེ་ཡང་ས་དྲག་ཡོད་མེད་ཀྱི་དབང་གིས་དོན་མི་འདྲ་བ་སྟོན་པའི་མིང་གི་ཁྱད་པར་ཤེས་པ།
正確辨別字音相近,但由于后后加字的添減字義有所不同的名詞。
2(
3)སྒྲ་ཉེ་ཡང་འཕུལ་དང་རྟེན་མི་འདྲ་བའི་དབང་གིས་དོན་མི་འདྲ་བ་སྟོན་པའི་མིང་གི་ཁྱད་
པར་ཤེས་པ།
正確辨別字音相近,但由于前加字和后加字的添減字義有所不同的名詞。
(
4)སྒྲ་ཉེ་ཡང་དབྱངས་དང་མིང་གཞི། མགོ་ཅན་དང་འདོགས་ཅན་བཅས་མི་འདྲ་བའི་དབང་
གིས་དོན་མི་འདྲ་བ་སྟོན་པའི་མིང་གི་ཁྱད་པར་ཤེས་པ།
正確辨別字音相近,但由于元音、字根、上加字、下加字的不同,字義有所不同的名
詞。
(
5)རྒྱུན་སྤྱོད་ཀྱི་མངོན་བརྗོད་ཤེས་ཤིང་སྤྱོད་ཐུབ་པ་དང་། རྒྱུན་སྤྱོད་ཀྱི་ཞེ་ཚིག་གི་སྦྱོར་ཚུལ་
ཤེས་པ།
掌握與運用常用的辭藻和敬語詞。
4. ཚིག་རྒྱན།
修辭
(
1)རང་བཞིན་བརྗོད་པའི་རྒྱན། དཔེ་རྒྱན། གཟུགས་རྒྱན། རབ་རྟོག་གི་རྒྱན། བསྡུས་བརྗོད་
ཀྱི་རྒྱན། སྒྲ་རྒྱན་སོགས་ཀྱི་མཚན་ཉིད་རྟོགས་ཤིང་དཔེར་བརྗོད་ངོས་འཛིན་ཐུབ་པ།
正確掌握與運用直敘、比喻、擬人、夸張、隱喻、字音等修辭法。
(
2)རྒྱུན་མཁོའི་ཚིག་རྒྱན་སྣ་ཚོགས་ཡང་དག་པར་སྤྱོད་ཤེས་པ་དང་། མཚན་ཉིད་ལྟར་རྒྱན་ལ་
དབྱེ་ཞིབ་བྱེད་ཤེས་པ།
正確運用常見的修辭格,評鑒其表達效果。
5. རྩོམ་རིག་བརྩམས་ཆོས་ལྟ་ཀློག
文學作品閱讀
(
1)མཁས་པའི་གསུང་གྲགས་ཅན་དང་ལེགས་བཤད། བསླབ་བྱ་སོགས་བློར་ཟིན་པ་དང་གོ་བ་
ཡང་དག་པར་བླངས་ཏེ་བེད་སྤྱོད་བྱེད་ཐུབ་པ།
正確默寫指定篇目,熟記名人名言、格言,能正確理解和恰當運用。
(
2)གནད་འགག་གི་ཚིག་ལ་གོ་བ་བླངས་ཏེ་དེའི་དོན་སྙིང་དང་ནུས་པ་ཉམས་སུ་མྱོང་བ།
把握關鍵詞句,體會其意義和作用。
(
3)རྩོམ་ཡིག་གི་ཚན་པ་དང་གོ་རིམ་ཡང་དག་པར་དགར་ཐུབ་པ་དང་། ཚན་པའི་བརྗོད་དོན་
དང་རྩོམ་ཡིག་གི་ནང་དོན་གཙོ་བོ་སྤྱི་སྡོམ་བྱས་ཏེ་བསམ་བློའི་ཚོར་འདུ་ཉམས་སུ་མྱོང་བ།
正確劃分文章的段落或層次,概括段落大意,歸納文章主要內容,把握思想感情。
(
4)རྩོམ་ཡིག་གི་རྩོམ་འབྲིའི་ཁྱད་ཆོས་དང་མཚོན་རིམ། མཚོན་ཐབས་ལ་ཡང་དག་པར་དབྱེ་
3ཞིབ་བྱེད་ཐུབ་པ།
正確評析文章的寫作特點、表達順序和表達方法。
(
5)རྩོམ་ཡིག་གི་བསམ་བློའི་ལྟ་བ་ལ་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ།
分析和評價文章的思想觀點。
(
6)རྒྱུ་ཆ་སྣ་མང་སྡེབ་སྒྲིག་བྱེད་པ་དང་ཅུང་རྙོག་དྲ་ཆེ་བའི་ཡིག་དེབ་དམ་དུམ་གྱི་ཁྲོད་ནས་རིན་
ཐང་ལྡན་པའི་ཆ་འཕྲིན་བླངས་ཏེ་དོན་སྙིང་ལྡན་པའི་སྡོམ་ཚིག་འགོད་ཐུབ་པ།
能從多種材料組合、較為復雜的非連續性文本中獲取有價值的信息,得出有意義
的結論。
6. རྩོམ་འབྲི།
寫作
(
1)ཡིག་ཐོག་གི་གོ་བརྡ་སྤྲོད་པའི་སྦྱོང་བརྡར།(
ཚིག་སྦྱོར་སྤེལ་བ་དང་། གོ་རིམ་བཀོད་སྒྲིག
ཚིག་དུམ། རྩོམ་ཐུང་སོགས་ཀྱི་རྩོམ་འབྲིའི་རྨང་གཞིའི་ནུས་པ)
文字表達訓練(遣詞造句,謀篇布局,語段短文等寫作基礎能力)
(
2)རང་གྲུབ་ཚན་པའི་རྩོམ་འབྲིའི་སྦྱོང་བརྡར།(
གཏན་ཚིགས་བསམ་གཞིག་དང་། ཡི་གེ་སྒྲིག་
འཛུགས། བརྗོད་སྙིང་སོགས་རྩོམ་འབྲིའི་གཞི་རྩའི་ནུས་པ)
段落寫作訓練(邏輯思維,文字組織,中心意思等寫作基本能力)
(
3)རྩོམ་ལུས་མི་འདྲ་བའི་རྩོམ་འབྲིའི་སྦྱོང་བརྡར།(
ཞིབ་བརྗོད་དང་ཞིབ་འབྲི། ཡིད་འགྱུར་
མཚོན་པ། དཔྱད་བརྗོད། གསལ་བཤད་སོགས་རྒྱུན་མཐོང་གི་གོ་བརྡ་སྤྲོད་སྟངས)
不同文體寫作訓練(敘述、描寫、抒情、議論與說明等常見表達方式)
(
4)རྩོམ་འབྲིའི་ཕྱོགས་བསྡུས་སྦྱོང་བརྡར།(
རྩོམ་འབྲིའི་བསམ་གཞིག་དང་རྩོམ་ལུས་ཀྱི་ཁྱད་
ཆོས། བརྡ་སྤྲོད་ཀྱི་ཆོས་ཉིད། མཚོན་པའི་ཐབས་ཤེས་སོགས་ཀྱི་ཕྱོགས་བསྡུས་ནུས་པ)
寫作綜合訓練(寫作思維,文體特征,語法規則,表現技巧等綜合能力)
(གཉིས)རིག་ཚན་གྱི་བསླབ་ཚན་དང་། སློབ་ཁྲིད་རྣམ་བཤད་དང་དེའི་ཉེར་སྤྱོད།
學科課程與教學論及其應用
1. སློབ་ཆུང་སྐད་ཡིག་བསླབ་ཚན་གྱི་རྨང་གཞིའི་ཤེས་བྱ།
小學語文課程基礎知識
(1)《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ཚད་གཞི(2022ལོའི་པར་གཞི)》ཁྲོད་
བཏོན་པའི་སྐད་ཡིག་བསླབ་ཚན་གྱི་ངོ་བོ་དང་གཞི་རྩའི་ལྟ་བ། བསླབ་ཚན་འཆར་འགོད་ཀྱི་རིག་ལམ།
《義務教育語文課程標準(2022年版)》中提出的語文課程性質和基本理念、課程設
計思路。
4(2)《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ཚད་གཞི(2022ལོའི་པར་གཞི)》ཁྲོད་
བཏོན་པའི་སྐད་ཡིག་བསླབ་ཚན་གྱི་དམིགས་ཚད་དང་ནང་དོན།(
སྤྱིའི་དམིགས་ཚད་དང་ནང་དོན།
སློབ་ཆུང་གི་སློབ་རིམ་སོ་སོའི་དམིགས་ཚད་དང་ནང་དོན)
《義務教育語文課程標準(2022年版)》中提出的語文課程目標與內容(總體目標與
內容,小學各學段目標與內容)
(3)《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ཚད་གཞི(2022ལོའི་པར་གཞི)》ཁྲོད་
བཏོན་པའི་སྐད་ཡིག་བསླབ་ཚན་གྱི་བསླབ་བྱའི་སྤུས་ཀའི་ནང་དོན་དང་བསླབ་བྱའི་སྤུས་ཀའི་བརྗོད་པ།
《義務教育語文課程標準(2022年版)》中提出的語文課程學業質量內涵和學業質
量描述。
(4)《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ཚད་གཞི(2022ལོའི་པར་གཞི)》ཁྲོད་
བཏོན་པའི་སྐད་ཡིག་བསླབ་ཚན་གྱི་ལག་བསྟར་གྲོས་གཞི།(
སློབ་ཁྲིད་ཀྱི་གྲོས་གཞི། དཔྱད་འཇོག་གི་
གྲོས་གཞི། བསླབ་ཚན་གྱི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་ཀྱི་གྲོས་གཞི)
《義務教育語文課程標準(2022年版)》中提出的語文課程實施建議(教學建議,評
價建議,課程資源與開發利用建議)
2. སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཀྱི་རྨང་གཞི་ཤེས་བྱ།
小學藏語文教學基礎知識
(1) སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཀྱི་འབྲེལ་ཡོད་གཞུང་ལུགས།
小學藏語文教學相關理論
(2) སློབ་ཆུང་བོད་སྐད་ཡིག་གི་རྒྱུན་སྤྱོད་སློབ་ཁྲིད་བྱེད་ཐབས།(
ངོས་འཛིན་དང་འབྲི་ཀློག ལྟ་
ཀློག་དང་མྱོང་དཔྱད། གོ་བརྡ་སྤྲོད་པ་དང་བརྗེ་རེས། ལེགས་སྒྲིག་དང་འཚོལ་དཔྱད་སོགས་ཀྱི་སྐད་
ཡིག་ལག་ལེན་གྱི་བྱ་འགུལ་སྤེལ་དུས། སློབ་མའི་སྐད་ཡིག་འཚོ་བ་དངོས་ནས་མགོ་བརྩམས་ཏེ། འོས་
འཚམ་གྱི་སློབ་ཁྲིད་བྱེད་ཐབས་སྤྱོད་པ་དང་། ཕུན་ཚོགས་སྣ་མང་གི་སློབ་སྦྱོང་སྣང་ཡུལ་གསར་སྐུན་
བྱས་ཏེ། སློབ་མའི་སྐད་ཡིག་གི་ལྟེ་བའི་ཡོན་ཚད་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱེད་པ)
小學藏語文常用教學方法(在學生進行識字與寫字、閱讀與鑒賞、表達與交流、梳理
與探究等語文實踐活動時,從學生語文生活實際出發,采用合適的教學方法,創設豐富
多樣的學習情境,促進學生語文核心素養發展)
(3) སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཀྱི་དཔྱད་འཇོག་གི་ནུས་པ་དང་ཁྱད་ཆོས། དབྱེ་བ།
小學藏語文教學評價的功能、特點與種類
3. སློབ་ཆུང་བོད་སྐད་ཡིག་བསླབ་ཚན་དང་སློབ་ཁྲིད་རྣམ་བཤད་ཀྱི་ཉེར་སྤྱོད།
5小學藏語文課程與教學論的應用
(1) སློབ་ཆུང་བོད་སྐད་ཡིག་གི་སློབ་ཁང་སློབ་ཁྲིད་ཀྱི་འཆར་འགོད།(
སློབ་གཞིའི་དབྱེ་ཞིབ་དང་།
སློབ་མའི་སློབ་སྦྱོང་གི་གནས་ཚུལ་དབྱེ་ཞིབ། སློབ་ཁྲིད་ཀྱི་དམིགས་ཚད། སློབ་ཁྲིད་ཀྱི་གཙོ་གནད་དང་
དཀའ་གནད། སློབ་ཁྲིད་གྲ་སྒྲིག སློབ་ཁྲིད་ཀྱི་བརྒྱུད་རིམ། སྒོ་སམ་འཆར་འགོད་སོགས་འདུས་ཤིང་།
དེ་ལས་སློབ་ཁྲིད་ཀྱི་བརྒྱུད་རིམ་དུ་སློབ་ཁྲིད་དུ་འཇུག་པ་དང་། སློབ་ཁྲིད་སྒྲིག་འཛུགས། མཛུབ་སྟོན།
དཔྱད་འཇོག སྦྱང་གཞི་སོགས་ཡོད)
小學語文課堂教學設計(包括教材簡析、學情分析、教學目標、教學重難點、教學準
備、教學過程、板書設計等部分,其中教學過程中應有導入、教學組織與指導、評價、作
業等環節)
(2) སློབ་ཆུང་བོད་སྐད་ཡིག་གི་སློབ་ཁྲིད་དཔེ་གཞིར་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ།
小學藏語文教學案例分析與評價
、 ངོས་འཛིན་དང་འབྲི་ཀློག་གི་སློབ་ཁྲིད་དཔེ་གཞིར་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ།
識字與寫字教學案例分析與評價
、 ལྟ་ཀློག་སློབ་ཁྲིད་ཀྱི་དཔེ་གཞིར་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ།
閱讀教學案例分析與評價
、 སྐད་ཆ་འབྲི་བ་དང་རྩོམ་སྦྱོང་སློབ་ཁྲིད་ཀྱི་དཔེ་གཞིར་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ།
寫話與習作教學案例分析與評價
、 ཁ་སྐད་འབྲེལ་འདྲིས་ཀྱི་སློབ་ཁྲིད་དཔེ་གཞིར་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ།
口語交際教學案例分析與評價
、 ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་གི་སློབ་ཁྲིད་དཔེ་གཞིར་དབྱེ་ཞིབ་དང་དཔྱད་འཇོག་
བྱེད་པ།
綜合性學習教學案例分析與評價
གསུམ། རྒྱུགས་ཀྱི་རྣམ་པ་དང་རྒྱུགས་གཞིའི་སྒྲིག་གཞི།
考試形式與試卷結構
1.རྒྱུགས་ཀྱི་རྣམ་པ། དམ་རྒྱུགས། ཡིག་རྒྱུགས།
考試形式:閉卷、筆試。
2.རྒྱུགས་སྤྲོད་པའི་དུས་ཡུན། དུས་ཚོད་སྐར་མ150ཡིན། རྒྱུགས་གཞིའི་སྐར་གྲངས་སྐར་མ150
ཡིན།
考試時間:150分鐘,試卷分值150分。
63. འདྲི་གཞིའི་རྣམ་པ་གཙོ་བོ། དྲིས་ལན་འདེམ་པ། བརྡར་ཤ་གཅོད་པ། མདོར་ལན་འདེབས་པ།
ལྟ་ཀློག་དང་རྩོམ་འབྲི། དཔེ་གཞི་དབྱེ་ཞིབ། སློབ་ཁྲིད་དུམ་ཚན་འཆར་འགོད་སོགས་ཀྱི་འདྲི་གཞི།
主要題型:選擇題、判斷題、簡答題、閱讀與寫作、案例分析、教學片段設計。
4. ནང་དོན་གྱི་བསྡུར་ཚད། རིག་ཚན་གྱི་ཆེད་ལས་ཤེས་བྱའི་ནང་དོན་གྱིས70%ཟིན་པ་དང་།
རིག་ཚན་བསླབ་ཚན་དང་སློབ་ཁྲིད་རྣམ་བཤད་དང་དེའི་ཉེར་སྤྱོད་ཀྱིས30%ཟིན།
內容比例:學科專業知識部分約占70%,學科課程與教學論及應用部分約占30%。
(編輯:青海華圖)
貼心微信客服
貼心微信客服
上一篇:2023年青海省公開招聘中學教師筆試 《教育綜合素質》考試大綱
下一篇:沒有了