2023-02-27 15:08:10 教師招聘考試網 http://www.1817w.com/jiaoshi/ 文章來源:未知
【導讀】華圖教師招聘考試網同步未知發布:青海省公開招聘中小學教師筆試 中學藏語文《學科專業素養》科目考試,詳細信息請閱讀下文!如有疑問請加【考試交流群匯總】 ,青海人事考試信息網更多資訊請關注青海華圖微信公眾號(htqh0258),第一時間獲得第一消息。培訓咨詢電話:0971-8253117,備考QQ:734599948,微信號:17797259593
མཚོ་སྔོན་ཞིང་ཆེན་གྱི་ཡོངས་བསྒྲགས་ཀྱིས་སློབ་གྲྭ་ཆུང་
འབྲིང་གི་དགེ་རྒན་བསྡུ་བའི་ཡིག་རྒྱུགས།
སློབ་འབྲིང་བོད་སྐད་ཡིག་གི《རིག་ཚན་ཆེད་ལས་ཡོན་ཚད》ཀྱི་
རྒྱུགས་ལེན་རྩ་འཛིན།
青海省公開招聘中小學教師筆試
中學藏語文《學科專業素養》科目考試大綱
གཅིག རྒྱུགས་ཀྱི་དམིགས་ཚད་དང་བླང་བྱ།
考試目標與要求
སློབ་འབྲིང་གི་བོད་སྐད་ཡིག་རྒྱུགས་གཞིས་སྐད་ཆ་དང་མཛེས་དཔྱོད། བསམ་གཞིག རིག་གནས་
བཅས་ཀྱི་བོད་སྐད་ཡིག་གི་ལྟེ་བའི་ཡོན་ཚད་ལ་གཞིགས་ཏེ། སློབ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་ལ་
མཁོ་བའི་རིག་ཚན་གྱི་ཆེད་ལས་རྨང་གཞི་ཤེས་བྱ་དང་། རྩ་བའི་ནུས་པ། དེ་མིན་མཐོ་རིམ་སློབ་གསོ་
དང་སློབ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་ནང་དོན་དང་འབྲེལ་བའི་རིག་ཚན་ཆེད་ལས་ཤེས་བྱར་
བརྟག་རྒྱུ། རེ་བར་རིགས་དྲུག་གི་ནུས་པའི་རིམ་པ་བཀར་ཡོད་དེ། བློར་ཟིན་པ་དང་དོན་རྟོགས་པ།
དབྱེ་ཞིབ་དང་ཕྱོགས་བསྡུས། མྱོང་དཔྱད་དང་དཔྱད་འཇོག གོ་བརྡ་སྤྲོད་པ་དང་ཉེར་སྤྱོད། འཚོལ་
དཔྱད་དང་གསར་གཏོད་བཅས་ཡིན།
中學藏語文學科考試圍繞語言、審美、思維、文化幾個方面的藏語文學科核心素
養,考查中學藏語文教學所需要的學科專業基本知識、基本能力以及高等教育與中學
藏語文教學內容相對應的學科專業知識,要求分為六種能力層級,即識記、理解、分析
綜合、鑒賞評價、表達應用和探究創新。
1. བློར་ཟིན་པ། བློར་ཟིན་པ་དང་ངོས་ཟིན་པ་ལ་ཟེར་ཞིང་། ཆེས་གཞི་རྩའི་ནུས་པའི་རིམ་པ་
ཡིན།
識記:指識別和記憶,是最基本的能力層級。
2. དོན་རྟོགས་པ། གོ་བ་ལོན་པ་དང་འགྲེལ་བཤད་སྟབས་བདེ་བྱེད་ཐུབ་པ་ལ་ཟེར་ཞིང་། བློར་
ཟིན་པའི་རྨང་གཞི་ལས་རིམ་པ་གཅིག་གིས་མཐོ་བའི་ནུས་པ་ཡིན།
理解:指領會并能做簡單的解釋,是在識記基礎上高一級的能力層級。
3. དབྱེ་ཞིབ་དང་ཕྱོགས་བསྡུས། དབྱེ་དགར་དབྱེ་ཞིབ་དང་ཕྱོགས་བསྡུས་ལེགས་སྲེ་བྱེད་པ་སྟེ།
1བློར་ཟིན་པ་དང་དོན་རྟོགས་པའི་རྨང་གཞིའི་སྟེང་མཐོ་རུ་བཏེགས་པའི་ནུས་པའི་རིམ་པ་ཡིན།
分析綜合:指分解剖析和歸納整合,是在識記和理解的基礎上進一步提高了的能
力層級。
4. མྱོང་དཔྱད་དང་དཔྱད་འཇོག ལྟ་ཀློག་རྒྱུ་ཆའི་བརྟག་འབྱེད་དང་མྱོང་དཔྱད། དཔྱད་བརྗོད་
དེ། བློར་ཟིན་པ་དང་། དོན་རྟོགས་པ། དབྱེ་ཞིབ་ཕྱོགས་བསྡུས་ཀྱི་རྨང་གཞིའི་སྟེང་། ལྟ་ཀློག་གི་
ཕྱོགས་སུ་འཕེལ་བའི་ནུས་པའི་རིམ་པ་ཡིན།
鑒賞評價:指對閱讀材料的鑒別、賞析和評說,是以識記、理解和分析綜合為基礎,
在閱讀方面發展了的能力層級。
5. གོ་བརྡ་སྤྲོད་པ་དང་ཉེར་སྤྱོད། སྐད་ཡིག་གི་ཤེས་བྱ་དང་ནུས་པའི་བཀོལ་སྤྱོད་ལ་ཟེར་ཞིང་།
བློར་ཟིན་པ་དང་། དོན་རྟོགས་པ། དབྱེ་ཞིབ་ཕྱོགས་བསྡུས་བཅས་ཀྱི་རྨང་གཞིའི་སྟེང་། གོ་བརྡ་སྤྲོད་
པའི་ཕྱོགས་སུ་འཕེལ་བའི་ནུས་པའི་རིམ་པ་ཡིན།
表達應用:指對語文知識和能力的運用,是以識記、理解和分析綜合為基礎,在表
達方面發展了的能力層級。
6. འཚོལ་དཔྱད་དང་གསར་གཏོད། གནད་དོན་ག་གེ་མོར་དཔྱད་སྡུར་བྱས་ཏེ། གསར་རྙེད་ཡོད་
པ་དང་ལྟ་བ་གསར་བ་ཡོད་པ་ལ་ཟེར་ཞིང་། དོན་རྟོགས་པ་དང་། དབྱེ་ཞིབ་ཕྱོགས་བསྡུས་རྨང་གཞིར་
བྱས་ཏེ། གསར་གཏོད་རང་བཞིན་གྱི་བསམ་གཞིག་གི་ཕྱོགས་སུ་འཕེལ་བའི་ནུས་པའི་རིམ་པ་ཡིན།
探究創新:指對某些問題進行探討,有發現、有創見,是以識記、理解和分析綜合為
基礎,在創新性思維方面發展了的能力層級。
གཉིས། རྒྱུགས་ཀྱི་ཁྱབ་ཁོངས་དང་ནང་དོན།
考試范圍與內容
(གཅིག) རིག་ཚན་གྱི་ཆེད་ལས་ཤེས་བྱ།
學科專業知識
1
. སློབ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་ནང་དོན།
中學藏語文教學內容
(
1)སྒྲ་ཉེ་ཡང་དོན་མི་འདྲ་བ་སྟོན་པའི་མིང་གི་ཁྱད་པར་ཤེས་པ།
正確辨別字音相近,但字意有所不同的名詞。
(
2)མིང་དང་བརྡ་ཆད་སོགས་གསོག་འཇོག་བྱས་ཏེ་གོ་བ་ལོན་པ་དང་ཡང་དག་པར་སྤྱོད་ཤེས་པ།
名詞和專業術語的識記、理解和正確使用。
(
3)མངོན་བརྗོད་དང་ཞེ་ཚིག་སྤྱོད་ཤེས་པ།
掌握與運用辭藻和敬語詞。
2(
4)རྒྱུན་མཐོང་བརྡ་རྙིང་གི་དོན་རྟོགས་པ།
正確理解常見古字舊詞的含義。
(
5)རྣམ་དབྱེ་དང་ཚིག་ཕྲད་ཀྱི་གོ་དོན་
རྟོགས་པ།
理解與掌握格助詞與虛詞的含義
。
(
6)
ཕྲད་གཞན་དབང་ཅན་དང་ཕྲད་རང་དབང་ཅན་གྱི་སྒྲ་ཡི་སྦྱོར་ཚུལ་དང་དོན་གྱི་འཇུག་ཚུལ་
ཤེས་པ།
正確掌握與運用不自由虛詞和自由虛詞。
(7)ཕྲད་འདུས་མའི་སྦྱོར་ཚུལ་ཤེས་པ།
正確運用復合虛詞
。
(
8)ཡི་གེའི་རྟགས་ཀྱི་
དབྱེ་བ་ཤེས་པ།
掌握字的字性分類
。
(
9)སྔོན་འཇུག་དང་རྗེས་འཇུག་གི་རྟགས
་ཀྱི་འཇུག་ཚུལ་ཤེས་པ།
掌握前加字和后加字的字性組織法
。
(
10)བྱ་ཚིག་སྤྱིའི་རྣམ་གཞ
ག་ཤེས་པ།
熟練掌握動詞運用規律
。
(11)དོན་རྒྱན་དང་སྒྲ་རྒྱན། གབ་ཚིག་གི་རྒྱན་ལས་རྒྱུན་མཐོང་གི་རྒྱན་དག་གི་མཚན་ཉིད་
རྟོགས་ཤིང་དཔེར་བརྗོད་ངོས་འཛིན་ཐུབ་པ།
正確掌握與運用意義修飾法、字音修飾法、隱語修飾法中常用的修飾法。
(12)དཔེ་དང་གཟུགས་འགོད། རབ་བཏགས་སོགས་ཀྱི་རྒྱུན་མཐོང་གི་མཚོན་ཐབས་དེ་དག་གི་
གོ་དོན་དང་དབྱེ་བ། སྦྱོར་ཚུལ་ངོས་ཟིན་པ་དང་། ལག་ལེན་དངོས་སུ་དེ་དག་སྤྱོད་ཐུབ་པ། དེ་དག་གི་
མཚོན་སྟོབས་དང་ཚིག་ཉམས་འདོན་ཚུལ་ལ་དབྱེ་ཞིབ་བྱེད་ཐུབ་པ།
掌握比喻、擬人、夸張等常用修辭的定義、分類、用法,實踐中能運用這些修辭手
法,能評鑒其表達效果。
(13)མཁས་པའི་གསུང་གྲགས་ཅན་དང་ལེགས་བཤད། བསླབ་བྱ་སོགས་བློར་ཟིན་པ་དང་གོ་བ་
ཡང་དག་པར་བླངས་ཏེ་བེད་སྤྱོད་བྱེད་ཐུབ་པ།
熟記名人名言、格言等指定篇目,能正確理解和恰當運用。
(14)རྩོམ་ཡིག་གང་དེའི་སྤྱི་ཁོག་གི་ནང་དོན་ངེས་ཤིང་། རིག་ལམ་གསལ་འབྱེད་དང་གཙོ་
གནད་ཉིང་བསྡུས་བྱེད་པ། རྩོམ་ཡིག་ལས་མཚོན་པའི་བསམ་བློ་དང་། ལྟ་བ། བརྩེ་དུང་བཅས་རྟོགས་
དགོས།
從整體上把握文本內容,理清思路,概括要點,理解文本所表現的思想、觀點和情
3感。
(15)སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་དང་ཟློས་གར་སོགས་རྩོམ་ལུས་ཀྱི་རྩ་བའི་ཁྱད་ཆོས་
དང་མཚོན་ཐབས་གཙོ་བོར་རྒྱུས་ལོན་བྱེད་པ།
了解詩歌、散文、小說、戲劇等文學體裁的基本特征及主要表現手法。
(16)ཡིག་རྙིང་གི་རིགས་ལ་ལྟ་ཀློག་བྱེད་པ་དང་། ཡིག་རྙིང་གི་མཆན་འགྲེལ་དང་བརྡ་དག མིང་
མཛོད་སོགས་ལ་བརྟེན་ནས་མིང་དང་ཚིག་གི་དོན་གོ་བར་བྱེད་པ་དང་། བཀླག་བྱ་གང་དེའི་ནང་དོན་
རྟོགས་ཐུབ་པ་བྱེད་དགོས། རྒྱུན་མཐོང་ཡིག་རྙིང་གི་སྔོན་རྗེས་ཡང་གསུམ་དང་། མགོ་འདོགས་བརྩེགས་
གསུམ། དབྱངས་བཞིའི་སྦྱོར་ཚུལ་དང་། ཕྲད་ཀྱི་སྦྱོར་ཚུལ། མིང་གཞིའི་འཇུག་ཚུལ། མིང་དང་ཚིག་
གི་གྲུབ་སྟངས། བཀོལ་ཚུལ་སོགས་ཤེས་དགོས།
閱讀古藏文,能借助工具書理解詞句含義,讀懂文章內容。了解并梳理常見古藏
文的語法規律和表達方法。
(17)རང་གི་མཐོང་ཐོས་དང་། མྱོང་བ། བསམ་ཚུལ་བཅས་ཞིབ་ཅིང་གོ་རིམ་ལྡན་པའི་སྒོ་ནས་
མཚོན་ཐུབ་པ་དང་། ཉིན་རྒྱུན་གྱི་འཚོ་བའི་དགོས་མཁོར་དམིགས་ནས་རྒྱུན་མཐོང་གི་འབྲི་སྟངས་ལྟར་
རྩོམ་ཡིག་བྲིས་ཏེ། སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་བསྐྱེད་པ།
能具體明確、文從字順地表達自己的見聞、體驗和想法。能根據日常生活需要,運
用常見的表達方式寫作,發展文字運用能力。
(18)
ཡིག་ཐོག་གི་གོ་བརྡ་སྤྲོད་པར་ལྟ་བ་གསལ་པོ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པ།
བརྩེ་དུང་རྣལ་མ་དང་བདེ་ཐང་ཡིན་པ། རིག་ལམ་གསལ་ཞིང་འབྲེལ་ཆགས་པ། བརྗོད་སྙིང་ལྟར་རྒྱུ་ཆ་
བླངས་ཏེ། སྒྲིག་གཞི་འོས་འཚམ་ཞིག་བཀོད་སྒྲིག་བྱེད་ཐུབ་པ།
書面表達要觀點明確,內容充實,感情真實健康,思路清晰連貫,能圍繞中心選取
材料,合理安排結構。
(19)ཇི་བཞིན་བརྗོད་པ་དང་གསལ་བཤད། ཞིབ་འབྲི། དཔྱད་བརྗོད། ཡིད་འགྱུར་མཚོན་པ་
སོགས་ཀྱི་གཞི་རྩའི་གོ་བརྡ་སྤྲོད་པའི་ནུས་པ་སྔར་བས་ཇེ་མཐོར་བཏང་སྟེ་གོ་བརྡ་སྤྲོད་སྟངས་སྣ་ཚོགས་
ཕྱོགས་བསྡུས་ཀྱིས་སྤྱོད་པ། རང་ཉིད་ཀྱི་སྐད་ཆའི་གསོག་འཇོག་ལ་བརྟེན་ནས། ཚིག་སྦྱོར་ལ་ཞུན་
བརྡར་བྱས་ཏེ། ཡང་དག་པ། གནད་ལ་ཁེལ་བ། ཁ་གསལ་བ། གསོན་ཉམས་ལྡན་པའི་སྒོ་ནས་གོ་བརྡ་
སྤྲོད་པ།
進一步提高記敘、說明、描寫、議論、抒情等基本表達能力,并運用多種表達方式。
能調動自己的語言積累,推敲、錘煉語言,表達力求準確、鮮明、生動。
(20)གནའ་དེང་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་སྙན་ངག་དང་། ལྷུག་རྩོམ། སྒྲུང་གཏམ། ཟློས་
གར། གསར་འགྱུར། རྣམ་ཐར་སོགས་ལྟ་ཀློག་བྱས་ཏེ། བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ལ་རྒྱུས་
4ལོན་བྱེད་པ་དང་། དེའི་ཕུན་སུམ་ཚོགས་པའི་གོ་དོན་འཚོལ་ཞིབ་བྱེད་པ། སྒྱུ་རྩལ་གྱི་འགུག་ཤུགས་ལ་
གོ་བ་རྙེད་པ་བཅས་བྱེད་དགོས།
閱讀古今中外優秀的詩歌、散文、小說、戲劇、新聞、傳記等作品,理解作品的思想
內涵,探索作品的豐富意蘊,領悟作品的藝術魅力。
(21)《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》(དམུ་དགེ་བསམ་གཏན་གྱིས་བརྩམས)
ཡི་
ནང་དོན་རྟོགས་དགོས་པ།
掌握《因明學入門》(毛爾蓋桑木旦著)的內容。
(22)བསྡུས་ཆུང་བསྡུས་འབྲིང་གི་རིགས་ལམ་འགྲོ་སྟངས་རྟོགས་པ།
基本掌握攝類學小理路和中理路
。
2. མཐོ་རིམ་སློབ་གསོ་དང་སློབ་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལྟོས་ཟླའི་ནང་དོན།
高等教育與中學語文教學對應的內容。
(
1)གནའ་དེང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་ལོ་རྒྱུས་སྟེང་གི་མཚོན་རྟགས་རང་བཞིན་གྱི་རྩོམ་པ་
པོ་དང་བརྩམས་ཆོས་ཡང་དག་པར་ཁོང་དུ་ཆུད་པ།
正確掌握古今中外文學史上標志性作家、作品。
(
2)གནའ་དེང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ལ་ཡང་དག་པར་གོ་བ་
ལེན་པ་དང་དབྱེ་ཞིབ་བྱེད་པ་སྟེ། དེའི་ཁོངས་སུ་བརྗོད་གཞིའི་ནང་དོན་དང་མི་སྣའི་སྣང་བརྙན། སྒྱུ་
རྩལ་གྱི་ཁྱད་ཆོས། སྤྱི་ཚོགས་ཀྱི་ཤུགས་རྐྱེན། རིན་ཐང་སོགས་འདུས་སོ། །
正確理解和分析古今中外著名文學作品,包括主題思想、人物形象、藝術特征、社
會影響、價值等。
(3)བོད་ཀྱི་གནའ་དེང་རྩོམ་རིག་གི་རིགས་དང་ལུས་ཀྱི་དབྱེ་བ་རྟོགས་པ།
掌握古今藏族文學的分類及文學體裁
。
(
4)རྩོམ་རིག་གི་འབྱུང་ཁུངས་དང་ངོ་བོ། བྱེད་ནུས། རྩོམ་རིག་བརྩམས་ཆོས་ཀྱི་ནང་དོན་དང་
རྣམ་པ། རྩོམ་རིག་གི་མྱོང་དཔྱད་བཅས་བྱང་ཆུབ་པ།
掌握文學的起源、性質、作用,文學作品的內容與形式,文學的鑒賞。
(གཉིས)རིག་ཚན་གྱི་བསླབ་ཚན་དང་། སློབ་ཁྲིད་རྣམ་བཤད་དང་དེའི་ཉེར་སྤྱོད།
學科課程與教學論及其應用
《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ཚད་གཞི(2022ལོའི་པར་གཞི)》དང《མཐོ་
འབྲིང་དཀྱུས་མའི་སྐད་ཡིག་བསླབ་ཚན་ཚད་གཞི(2017ལོའི་པར་གཞི་དང་། 2020ལོའི་བཟོ་བཅོས་
པར་མ)
ཡི་ནང་དོན་གཙོ་བོ་དང་དགོངས་དོན་བྱང་ཆུབ་དགོས། སློབ་འབྲིང་སྐད་ཡིག་བསླབ་ཚན་གྱི་
སྤྱིའི་དམིགས་ཚད་དང་སློབ་སྦྱོང་འགན་ཚོམས་སོ་སོའི་བྱེ་བྲག་གི་དམིགས་ཚད་རྟོགས་པ་དང་། སྐད་
5ཡིག་རིག་ཚན་གྱི་ལྟེ་བའི་ཡོན་ཚད་དང་བསླབ་བྱའི་སྤུས་ཀའི་ཆུ་ཚད་ལ་གོ་བ་ལོན་པ། སློབ་འབྲིང་སྐད་
ཡིག་གི་སློབ་གསོའི་སློབ་ཁྲིད་རིགས་གཞུང་བཀོལ་སྤྱོད་བྱེད་པ། བསླབ་ཚན་གསར་བའི་ལྟ་བས་སློབ་
ཁྲིད་ལ་མཛུབ་སྟོན་བྱེད་པ། སློབ་འབྲིང་སྐད་ཡིག་སློབ་གསོའི་སློབ་ཁྲིད་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ།
འོས་འཚམ་གྱི་སློབ་ཁྲིད་ཐབས་ཤེས་བེད་སྤྱོད་བཅས་བྱས་ཏེ། སློབ་ཁྲིད་ཀྱི་དམིགས་ཚད་ཡོངས་འགྲུབ་
བྱེད་དགོས། བྱེ་བྲག་ཏུ།
掌握《義務教育語文課程標準(2022 年版)》、《普通高中語文課程標準(2017 年版
2020年修訂)》的主要內容和精神內涵。掌握中學語文課程的總目標及各學習任務群
的分目標,理解語文學科核心素養、學業質量水平要求;運用中學語文教育教學理論、
新課程理念指導教學行為;遵循中學語文教育教學規律,采用合理的教學手段,實現教
學目標。具體為:
(
1)སློབ་འབྲིང་གི་སྐད་ཡིག་བསླབ་
ཚན་གྱི་ངོ་བོ་དང་ལྟ་བར་གོ་བ་ལོན་པ།
掌握中學語文課程性質和理念
。
(
2)སློབ་འབྲིང་སྐད་ཡིག་བསླབ་ཚན་གྱི་དམིགས་ཚད་དང་ནང་དོན། སྐད་ཡིག་བསླབ་ཚན་གྱི་
ལག་བསྟར་གྲོས་གཞི་བཅས་ཁོང་དུ་ཆུད་པ།
掌握中學語文課程的目標和內容;語文課程的實施建議。
(
3)སློབ་འབྲིང་སྐད་ཡིག་སློབ་ཁྲིད་ཀྱི་གཞི་རྩའི་ཐབས་ཤེས་དང་དེང་རབས་སློབ་གསོའི་ལག་
རྩལ་ཁོང་དུ་ཆུད་པ།
掌握中學語文教學的基本方法和現代教育技術。
(
4)སློབ་འབྲིང་སྐད་ཡིག་སློབ་ཁྲིད་ཀྱི་དཔྱད་འཇོག་གི་གཞི་རྩའི་དབྱེ་བ་དང་ཁྱད་ཆོས། ནུས་པ་
བཅས་ཁོང་དུ་ཆུད་པ།
掌握中學語文教學評價的基本種類、特點與功能。
(
5)སློབ་འབྲིང་སྐད་ཡིག་གི་སློབ་ཁང་སློབ་ཁྲིད་ཀྱི་དམིགས་ཚད་འོས་འཚམ་གྱིས་གཏན་ཁེལ་
བྱེད་པ།
合理確立中學語文課堂教學目標。
(
6)སློབ་འབྲིང་སྐད་ཡིག་གི་སློབ་ཁང་སློབ་ཁྲིད་ཀྱི་བརྒྱུད་རིམ་འོས་འཚམ་གྱིས་འཆར་འགོད་
བྱེད་པ།
合理設計中學語文課堂教學過程。
(
7)སློབ་འབྲིང་སྐད་ཡིག་གི་ཚད་འཇལ་རྒྱུགས་གཞིའི་ནང་དོན་དང་རྣམ་པ་འཆར་འགོད་བྱེད་
པ།
科學設計中學語文測試內容與形式。
6(
8)སློབ་འབྲིང་སྐད་ཡིག་གི་སློབ
་ཁྲིད་དཔེ་གཞི་ལ་དཔྱད་ཞིབ་བྱེད་པ།
科學評析中學語文教學案例
。
གསུམ། རྒྱུགས་ཀྱི་རྣམ་པ་དང་རྒྱུགས་གཞིའི་སྒྲིག་གཞི།
考試形式與試卷結構
1. རྒྱུགས་ཀྱི
་
རྣམ་པ
། དམ
་རྒྱུགས། ཡིག་རྒྱུགས།
考試形式
。
閉卷
、筆試
。
2. རྒྱུགས་སྤྲོད་པའི་དུས་ཡུན། དུས་ཚོད་སྐར་མ150ཡིན། རྒྱུགས་གཞིའི་སྐར་གྲངས་སྐར་མ150
ཡིན།
考試時間:150分鐘,試卷分值150分。
3. འདྲི་གཞིའི་རྣམ་པ་གཙོ་བོ། དྲིས་ལན་འདེམ་པ་དང་། བརྡར་ཤ་གཅོད་པ། མདོར་ལན་
འདེབས་པ། རྒྱས་བཤད་བྱེད་པ། རྩོམ་འབྲི། དཔེ་གཞི་དབྱེ་ཞིབ། སློབ་ཁྲིད་ཀྱི་འཆར་འགོད་སོགས་
ཀྱི་འདྲི་གཞི།
主要題型:選擇題、判斷題、簡答題、論述題、寫作題、案例分析題、教學設計題等。
4. ནང་དོན་གྱི་བསྡུར་ཚད། རིག་ཚན་གྱི་ཆེད་ལས་ཤེས་བྱས70%ཟིན་པ་དང་། རིག་ཚན་གྱི་
བསླབ་ཚན་དང་སློབ་ཁྲིད་རྣམ་བཤད་དང་དེའི་ཉེར་སྤྱོད་ཀྱིས30%ཟིན།
內容比例:學科專業知識部分約占70%,學科課程與教學論及應用部分約占30%。
7
(編輯:青海華圖)
貼心微信客服
貼心微信客服
上一篇:青海省公開招聘中小學教師筆試 小學藏語文《學科專業素養》科目考試
下一篇:沒有了